SBS Tibetan - SBS བོད་སྐད་སྡེ་ཚན།

མེལ་སྦོམ་ས་གནས་ཀྱི་བོད་མི་ཚོས་བོད་ཀྱི་ལོ་སར་སྲུང་བརྩི་བྱས།

Listen on

Episode notes

བོད་མི་རྣམས་ལ་མཚོན་ན། ལོ་གཅིག་གི་ནང་དུས་ཆེན་མང་པོ་ཞིག་སྲུང་བརྩི་བྱེད་བཞིན་ཡོད་པ་ལས། ལོ་སར་ནི་བོད་ཀྱི་དུས་ཆེན་ཆེ་ཤོས་ཤིག་ཡིན་པ་རེད། བོད་ཀྱི་ལོ་སར་ནི་བོད་ཟླ་དང་པོའི་ཚེས་གཅིག་ཉིན་འགོ་འཛུགས་བྱེད་ཀྱི་ཡོད་པ་དང་། ད་ལོའི་བོད་ཀྱི་ལོ་སར་ནི་ཕྱི་ཟླ་གཉིས་པའི་ཚེས་ ༢༡ ཉིན་ལ་འཁེལ་ཡོད་ནའང་། ཨོ་སི་ཊོ་ལི་ཡའི་ཝིག་ཊོ་རེ་ཡ་མངའ་སྡེ་ནང་གི་བོད་མི་ཚོས་ཕྱི་ཟླ་གཉིས་པའི་ཚེས་ ༡༨ ཉིན། གཟའ་སྤེན་པ་དང་བསྟུན་ནས་སྲུང་བརྩི་བྱས་ཡོད་པ་རེད།